ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་པའོ་ཧེ་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ལྔ་ཉིན་གྲོས་ཆོད་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱི་པའོ་ཧེ་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་ཡུན་ཡང་བསྐྱར་ཟླ་ངོ་བཅུ་གཉིས་ཀྱིས་ཇེ་རིང་དུ་བཏང་སྟེ། ཏའེ་ཏོན་ཞི་བདེའི་གྲོས་མཐུན་གྱི་ལག་བསྟར་ལ་ལྟ་རྟོག་བྱེད་དུ་འཇུག་རྒྱུ་ཐག་བཅད། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གྲོས་ཆོད་གཉིས་བཞི་དགུ་དྲུག་ལ་གྲོས་མཐུན་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱི་པའོ་ཧེ་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་པའོ་ཧེ་རུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་ལས་ཁུངས་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཇབ་རྒོལ་དང་འཇིགས་ཉེན་ལ་རྒོལ་ལན་སྤྲོད་པའི་དབང་ཆ་བྱིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གདན་ཞུས་ལྟར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་པའོ་ཧེ་རུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་ལས་ཁུངས་ལ་འགོག་སྲུང་བྱེད་པའི་དབང་ཆ་བསྩལ་བར་མ་ཟད། དེ་གཉིས་ལ་རམ་འདེགས་བྱས་ཏེ་ལས་འགན་ལག་བསྟར་བྱེད་རྒྱུ་རེད། 

གྲོས་ཆོད་ལས་པའོ་ཧེའི་ཕྱོགས་ཁག་སོ་སོས་རིམ་པ་སོ་སོའི་སྲིད་གཞུང་གི་རྩ་འཛུགས་བྱ་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་སོ་སོས་སྔོན་ལ་བཟོད་སྒོམ་གྱི་བྱེད་ཐབས་ཀྱིས་ཕྱོགས་བསྡུས་བཅོས་བསྒྱུར་དངོས་འབེབ་བྱེད་པར་སྐུལ་མ་བཏང་སྟེ། དགྲར་འཛིན་གྱི་སྲིད་ཇུས་དང་གཏམ་སྤྱོད་འབྱུང་བར་སྔོན་འགོག་བྱ་དགོས་པའི་རེ་བ་བཏོན། 

གྲོས་ཆོད་ལས་བསྐྱར་སྒྲོག་བྱས་དོན། པའོ་ཧེའི་ཕྱོགས་ཁག་སོ་སོས་ཏའེ་ཏོན་ཞི་བདེའི་གྲོས་མཐུན་དངོས་འབེབ་བྱེད་པར་འགན་འཁྲི་གཙོ་བོ་ཁུར་ཡོད་པ་དང་། ཕྱོགས་སོ་སོས་ཉེས་དོན་ཁྲིམས་ཁང་གི་འབྲེལ་ཡོད་ལས་དོན་གྱི་རྒྱལ་སྤྱིའི་ཐག་གཅོད་རྐྱེན་སྲོལ་བར་མཉམ་ལས་གང་ལེགས་བྱ་དགོས་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།