དབྱི་སི་རལ་གྱིས་བཀག་འཇུག་བྱས་པའི་ཅོར་ཏན་གྱི་སྤྱི་དམངས་གཉིས་ཕྱིར་གཏོང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལིའི་བཞུགས་ཤག་གིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་བཀག་འཇུག་བྱས་པའི་ཅོར་ཏན་གྱི་སྤྱི་དམངས་གཉིས་ཕྱིར་གཏོང་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་ཅོར་ཏན་བར་གྲོས་མཐུན་བཀོད་པ་དང་། དབྱི་སི་རལ་གྱིས་ཅོར་ཏན་བདེ་འཇགས་དམག་དཔུང་ལ་རང་གིས་བཀག་འཇུག་བྱས་པའི་ཅོར་ཏན་གྱི་སྤྱི་དམངས་གཉིས་བརྒྱུད་སྤྲོད་བྱས་ཏེ། དབྱི་སི་རལ་དུ་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་མ་འོངས་པའི་ཉིན་འགའི་ནང་ཕྱིར་དབྱི་སི་རལ་དུ་ལོག་རྒྱུ་རེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་ཅོར་ཏན་བར་གྱི་འབྲེལ་བ་དེ་དབུས་ཤར་ས་ཁུལ་གཏན་འཇགས་ཡོང་བའི་རྨང་རྡོ་ལྟ་བུར་མཐོང་ཡོད་པ་དང་། མུ་མཐུད་དུ་ས་ཁུལ་དེའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

ཉིན་དེར་ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་སྲིད་གཞུང་དང་དབྱི་སི་རལ་ཕྱོགས་ཀྱིས་སྐོར་ཐེངས་མང་བོའི་གྲོས་མོལ་བྱས་རྗེས། དབྱི་སི་རལ་ཕྱོགས་ཀྱིས་གཟའ་འཁོར་འདིའི་ནང་ཟླ་ངོ་འགའི་རིང་བཀག་འཇུག་བྱས་པའི་ཅོར་ཏན་གྱི་སྤྱི་དམངས་གཉིས་ཕྱིར་གཏོང་རྒྱུ་ཡིན་ཟེར། མིག་སྔར་མི་དེ་གཉིས་ཕྱིར་ཅོར་ཏན་དུ་ལོག་པའི་འབྲེལ་ཡོད་ལས་རིམ་མགོ་བརྩམས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།