ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱའི་མཁའ་དམག་གིས་སུའུ-30SMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྐོར་ཞིག་དང་ལེན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་མེ་ནི་ཡཱའི་རྒྱལ་སྲུང་བློན་ཆེན་ཐའོ་ནོའུ་དབྱང་གིས་ཚེས་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཨེ་མེ་ནི་ཡཱའི་མཁའ་དམག་གིས་སུའུ-30SMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྐོར་ཞིག་ཉོས་ཡོད་པ་དང་། འཐབ་འཛིང་གནམ་གྲུ་དེ་དག་ཅང་མ་འགོར་བར་རྩིས་སྤྲོད་བྱེད་རྒྱུ་རེད་ཟེར། 

ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐའོ་ནོའུ་དབྱང་གིས་ཉིན་དེར་ཨེ་མེ་ནི་ཡཱའི་རྒྱལ་དམངས་གྲོས་ཁང་གི་གྲོས་ཚོགས་སྐབས་སུ་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། ཨེ་མེ་ནི་ཡཱའི་མཁའ་དམག་གིས་མི་འགྱངས་པར་སུའུ-30SMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་སྒྲིག་སྦྱོར་བྱེད་རྒྱུ་ཡིན་པ་དང་། འཐབ་འཛིང་གནམ་གྲུ་དེ་དག་ད་ལོའི་ཟླ་བཅུ་གཉིས་པ་དང་ཡང་ན་སང་ལོའི་ཟླ་དང་པོ་ནས་གཉིས་པའི་ནང་ཨེ་མེ་ནི་ཡཱ་རུ་བསླེབ་སྲིད་ཟེར།
ཐའོ་ནོའུ་དབྱང་གིས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོ་དང་ཉིས་སྟོང་ཉི་ཤུ་ལོར། ཨེ་མེ་ནི་ཡཱ་ཡིས་རྒྱལ་ཁབ་མི་འདྲ་བ་ནས་རྣམ་པ་གསར་བའི་དེང་རབས་ཅན་གྱི་མཚོན་ཆ་དང་སྒྲིག་ཆས་ཉོ་བསྡུ་བྱེད་རྒྱུ་ཡིན་ཟེར། 

ཐའོ་ནོའུ་དབྱང་གིས་སུའུ-30SMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ག་ཚོད་ཉོས་ཡོད་པ་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།