ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་གྱ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉེ་སྔོན་ཞི་ནཱ་ཕྱེད་གླིང་བྱང་ཕྱོགས་དང་དབུས་ཕྱོགས་ས་ཁུལ་དུ་སྤེལ་བའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་གྱ་གསུམ་བསད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཐེངས་འདིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་དེ་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་ནས་ད་ལྟའི་བར་སྤེལ་བ་དང་། དྲག་ཆས་ཉེས་ཅན་དེ་དག་གི་གྲས་སུ་ཉེན་ཁ་ཉེ་བའི་དྲག་ཆས་ཉེས་ཅན་དྲུག་འདུས་ཡོད་ལ། གཞན་ཡང་དྲག་ཆས་ཉེས་ཅན་རེ་དྲུག་འཛིན་བཟུང་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དམག་དཔོན་གཅིག་དང་དམག་མི་གཉིས་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་བྱེད་སྐབས་རྐྱེན་ལམ་དུ་ཤོར། དེ་ལས་གཞན་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་གྱིས་སྔོན་ནས་སྒྲིག་སྦྱོར་བྱས་ཡོད་པ་དང་། བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱེད་པར་གྲ་སྒྲིག་བྱས་པའི་འགད་རྫས་སུམ་བརྒྱ་དང་དོན་དྲུག་གཏོར་ལེན་བྱས་ཡོད་ཟེར། 

ཚེས་བཞིའི་ཉིན། ཨེ་ཅིབ་གྲོས་ཁང་གིས་ཙུང་ཐུང་སེ་ཞི་ཡིས་ཉེ་སྔོན་བཀོད་པའི་ཙུང་ཐུང་བཀའ་རྒྱར་ཆོག་མཆན་བཀོད་པ་དང་། ཨེ་ཅིབ་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པ་དེ་ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན་ནས་ཡང་བསྐྱར་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། ཨེ་ཅིབ་གྲོས་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། མིག་སྔའི་རྒྱལ་ནང་དང་ས་ཁུལ་གྱི་གནས་བབ། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གནས་བབ་བཅས་ལ་བསམ་བློ་བཏང་སྟེ། རྒྱལ་ཡོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པའི་ཡུན་ཚད་ཇེ་རིང་དུ་བཏང་བར་དགོས་གལ་ཆེ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།