ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་དུ་ལམ་འགྲིམ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བཞིའི་ཉིན་བསྟན་དོན། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཀི་ལན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཕུའུ་ལེ་ཧུའུ་མུའུ་ལི་གྲོང་ཁྱེར་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར། 

པཱ་ཀི་ལན་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་པེ་ཧྲ་ལཱ་ཐི་ཡིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་ཡས་མས་སུ་བྱུང་བ་དང་། མི་སེར་དཀྱུས་མ་དྲུད་པའི་རླངས་འཁོར་གཅིག་ལ་ཕུའུ་ལེ་ཧུའུ་མུའུ་ལི་གྲོང་ཁྱེར་ཉེ་འདབས་སུ་ལམ་འགྲམ་གྱི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བུད་མེད་བཞི་དང་བྱིས་པ་གཉིས་འདུས། འགས་གཏོར་དོན་རྐྱེན་ལས་ད་རུང་མི་དྲུག་ལ་རྨས་ཕོག་ཡོད་ལ། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

པེ་ཧྲ་ལཱ་ཐི་ཡིས་བསྟན་དོན། ལམ་འགྲམ་གྱི་འགས་གཏོར་འགད་རྫས་དེ་ནི་ཐཱ་ལེ་པན་དྲག་ཆས་ཉེས་ཅན་གྱིས་སྔོན་ནས་སྦས་ཡོད་པ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།