དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་མི་སྲིད་པ་ནན་བཤད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གསར་བརྙན་འཕྲིན་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ། དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པར་གཏན་འགོག་བྱས་ནས། ཨ་མེ་རི་ཁས་དབྱི་ལིང་རྒྱལ་ཁབ་ལ་ལྷད་བཟོའི་བྱ་འགུལ་སྤེལ་བར་སྔོན་འགོག་བྱ་དགོས་པ་ནན་བཤད་བྱས། 

ཧཱ་མེ་ནེ་དབྱེ་ཡིས་དབྱི་ལིང་གི་མི་གཏའི་དོན་རྐྱེན་བྱུང་ནས་ལོ་ངོ་བཞི་བཅུ་འགོར་བའི་རྗེས་དྲན་ཉིན་མོའི་སྔ་ཉིན་རྒྱལ་ས་ཏི་ཧེ་ལན་ནས་དབྱི་ལིང་གི་སློབ་མའི་འཐུས་མིར་ཐུག་འཕརྡ་བྱས་ཏེ་གླེང་མོལ་བྱས། ཁོས་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྲོས་མོལ་མི་བྱེད་པར་ཁུངས་ལུང་གང་ལེགས་ཡོད། དེ་ལྟར་བྱས་ན་དགྲ་བོས་དབྱི་ལིང་ལ་ལྷད་བཟོའི་བྱ་འགུལ་སྤེལ་བར་སྔོན་འགོག་བྱ་ཐུབ་པ་དང་། འཛམ་གླིང་ཡོངས་ཀྱི་མདུན་ནས་ཨ་མེ་རི་ཁའི་གཟི་འོད་རྫུན་མ་རྡུལ་དུ་བརླག་ཐུབ་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།