ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གསར་འགྱུར་སྨྱན་བྱད་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་དོགས་ཟོན་བྱ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་འགོད་པར་གནོད་པ་བཟོས་པར་ཆད་གཅོད་མི་བྱེད་པའི་སྣང་ཚུལ་མེད་པར་བཟོ་བའི་རྒྱལ་སྤྱིའི་ཉིན་མོ་རེད། སྤྱི་ཁྱབ་པུའུ་ཧྥ་རན་སིའི་ཕཱ་རེ་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉེ་སྔོན་སྙན་ཞུ་གསར་བ་སྤེལ་ཏེ། གསར་འགྱུར་སྨྱན་བྱད་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་དོགས་ཟོན་བྱ་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྙན་ཞུ་གསར་བ་ལས་བསྟན་དོན། ཉིས་སྟོང་དྲུག་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་འཛམ་གླིང་ཡོངས་སུ་བསྡོམས་པས་གསར་འགོད་པ་སྟོང་གཅིག་དང་བརྒྱ་ར་དགུ་ཚེ་ལས་འདས་པ་དང་། དེའི་ནང་བརྒྱ་ཆའི་དགུ་བཅུ་ཙམ་གྱི་གསར་འགོད་པར་གནོད་པ་བཟོ་མཁན་ལ་ཆད་གཅོད་ཐོབ་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གསར་འགོད་པ་ཉེན་ཁའི་གནས་སུ་བསྐྱལ་བའི་བྱ་སྤྱོད་དང་། གསར་འགོད་པ་དམར་གསོད་གཏོང་བའི་བྱ་སྤྱོད། གསར་འགོད་པར་གནོད་སྐྱེལ་མཁན་ལ་ཆད་གཅོད་མི་བྱེད་པའི་འགན་འཁྲི་བཅས་ལ་རྩད་གཅོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གསར་འགྱུར་སྨྱན་བྱད་ཀྱི་དྲག་ཤུགས་བྱ་སྤྱོད་མཇུག་སྒྲིལ་དུ་འཇུག་དགོས་ཟེར། 

དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དཔྱད་བསྡུར་ཚོགས་འདུ་སོགས་བྱ་འགུལ་སྤེལ་ནས། གསར་འགྱུར་སྨྱན་བྱད་ཀྱི་གསར་འགོད་པར་སྲུང་སྐྱོབ་བྱེད་པ་དང་། གསར་འགྱུར་སྨྱན་བྱད་ཀྱི་གནོད་ཐེབས་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་སོགས་ཞིབ་འཇུག་གྲོས་བསྡུར་དང་དྲིལ་སྒྲོག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།