ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་དབུས་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ནེ་པཱ་ལཱ་ནས་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་གྲོག་རོང་དུ་ལྷུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་བདུན་འདུས། གཞན་ཡང་མི་ལྔ་བཅུ་ཙམ་ལ་རྨས་ཕོག་ཡོད་པ་དང་། རྨས་མ་མང་བོའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

དོན་རྐྱེན་དེ་ནེ་པཱ་ལཱའི་ཞིན་ཏུའུ་ཕཱ་ཨར་ཆའོ་ཁི་རྫོང་ནས་བྱུང་། ས་དེའི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁཱ་ཧྥུའུ་ལའེ་ཡིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལ་ཏའོ་ཨར་ཁཱ་རྫོང་ནས་ལམ་དུ་ཆས་པ་དང་། ཚེས་གསུམ་ཉིན་གྱི་ཕྱི་དྲོར་ཞིན་ཏུའུ་ཕཱ་ཨར་ཆའོ་ཁི་རྫོང་བརྒྱུད་སྐབས། གཞུང་ལམ་ལས་བརྒལ་ནས་གྲོག་རོང་དུ་ལྷུང་བ་རེད། འདས་པོའི་གྲས་སུ་བུད་མེད་དང་བྱིས་པ་མང་བོ་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། མིག་སྔར་ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་གྱི་བྱེ་བྲག་གི་འབྱུང་རྐྱེན་གསལ་བོར་མི་ཤེས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་སུ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།