ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་ཀྱི་རྒྱ་མཚོ་ཆེན་མོ་ལྷོ་མའི་ཝེ་སོ་ཁི་དབྱེ་གླིང་ཕྲན་ཉེ་འདབས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཁུལ་ཆ་འཕྲིན་དྲ་བས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ནུབ་ཀྱི་རྒྱ་མཚོ་ཆེན་མོ་ལྷོ་མའི་ཝེ་སོ་ཁི་དབྱེ་གླིང་ཕྲན་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ཉེར་ལྔའི་མཚམས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་ཟེར། 

བསྒྲགས་པ་ལྟར་ན། ས་འགུལ་དེ་པེ་ཅིང་གི་དུས་ཚོད་ཚེས་གསུམ་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་བརྒྱད་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་ནི་གཞུང་ཐིག་ལྷོ་མའི་ང་ལྔ་དང་གྲངས་ཆུང་དྲུག་དགུ་གཅིག་དགུ་དང་། འཕྲེད་ཐིག་ནུབ་མའི་ཉེར་དྲུག་དང་གྲངས་ཆུང་གསུམ་ཐིག་གཅིག་དྲུག་གི་གནས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་པ་རེད། 

ཝེ་སོ་ཁི་དབྱེ་གླིང་ཕྲན་ནི་ཆའོ་ཀྲི་ཡཱ་ལྷོ་མ་དང་སིང་ཏི་ཝེ་ཆི་གླིང་ཚོམས་ལྷོ་མར་གཏོགས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།