པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ནེ་ཀྲིར་གྱི་དམག་སྒར་ཞིག་ལ་འཇབ་རྒོལ་བྱས་ཏེ་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲིར་བདེ་འཇགས་སྡེ་ཁག་གིས་བསྒྲགས་པ་ལྟར་ན། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོ་ནས་ཚེས་སུམ་ཅུ་ཉིན་གྱི་ཞོགས་པའི་བར་ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་དམག་སྒར་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

མིང་བཤད་མི་འདོད་པའི་ནེ་ཀྲིར་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་དམག་སྒར་དེ་ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་ཀྲ་ཏི་དང་འདབས་འབྲེལ་དུ་ཡོད་པའི་ཏིས་ཧྥ་ཞིང་ཆེན་དུ་ཡོད། དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་ལས་གཞན་ད་རུང་མི་ལྔར་རྨས་ཕོག་ཡོད་ལ། ནེ་ཀྲིར་གྱི་དམག་དཔུང་གི་རླངས་འཁོར་རེ་འགའ་དྲག་ཆས་ཉེས་ཅན་གྱི་འཕྲོག་སོང་བ་རེད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ནེ་ཀྲིར་དམག་དཔུང་གིས་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས་ཏེ་དམག་དཔུང་གི་རླངས་འཁོར་སྐོར་ཞིག་ཕྱིར་འཕྲོག་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།