དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ས་ཁུལ་གཏན་འཇགས་མི་ཡོང་བར་ངན་སྐུལ་བྱས་པར་སྐྱོན་འཛུགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབུས་ཤར་ཕྱོགས་ཀྱི་རྒྱལ་ཁབ་འགའ་ནས་གཏན་འཇགས་མི་ཡོང་བར་ངན་སྐུལ་བྱས་པར་སྐྱོན་འཛུགས་བྱས། 

ལེ་པཱ་ནུན་དང་དབྱི་རག་གི་མངའ་ཁོངས་སུ་ཉེ་སྔོན་གནས་བབ་ཟང་ཟིང་དུ་གྱུར་བའི་ཐད་ནས་ཧཱ་མེ་ནེ་དབྱེ་ཡིས་བསྟན་དོན། དགྲར་འཛིན་སྟོབས་ཤུགས་ཀྱིས་བྱེད་ཐབས་དེ་འདྲར་བརྟེན་ནས་རྒྱལ་ཁབ་རེ་འགའི་ཁྲིམས་སྐྱོང་ལ་གཏོར་བརླག་བྱས་ཏེ། རྒྱལ་ཁབ་ནང་ཁུལ་གྱི་དབང་ཤུགས་ཉམས་པར་བྱེད་འདོད་པ་ཡིན་པས། རྒྱལ་ཁབ་གང་ཡིན་ཡང་དོན་དེར་དོགས་ཟོན་བྱ་དགོས་ཟེར། ཁོས་ལེ་པཱ་ནུན་དང་དབྱི་རག་གི་མི་དམངས་ཀྱིས་ཁྲིམས་མཐུན་གྱི་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་རེ་འདོད་སྟོན་དགགོས་པའི་འབོད་སྐུལ་བཏང་། 

ཉེ་སྔོན་དབྱི་རག་གི་གྲོང་ཁྱེར་མང་བོ་ནས་སྐོར་ཐེངས་གསར་བའི་རྔམ་སྟོན་ཁྲོམ་སྐོར་འགུལ་སྐྱོད་བྱུང་བ་དང་། དེ་ལས་བྱུང་བའི་འཁྲུག་རྩོད་ལས་མི་དོན་བཞི་རྐྱེན་ལམ་དུ་ཤོར་བ་ངད་། མི་སྟོང་གསུམ་ལྷག་ལ་རྨས་ཕོག་ཡོད། ལེ་པཱ་ནུན་གྱི་ས་ཁུལ་མང་བོ་ནས་ཀྱང་གཞི་རྒྱ་ཆེ་བའི་རྨང་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་ཡོད།

ཧཱ་མེ་ནེ་དབྱེ་ཡིས་བསྟན་དོན། ཟིང་འཁྲུག་དེ་དག་ནི་ཉེན་ཁ་ཆེ་བའི་དགྲར་འཛིན་བྱ་སྤྱོད་ཅིག་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་སྐོར་ཞིག་གིས་ལྟག་རྒྱབ་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།