ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཅུ་གསུམ་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནེ་བྱང་མ་ཞིང་ཆེན་གྱི་ཨ་ལི་ཧྲི་གྲོང་ཁྱེར་གྱི་གློ་བུར་བའི་འཇབ་རྒོལ་ཅིག་གི་ཁྲོད་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཅུ་གསུམ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་ལ་གསང་འཕྲིན་འབྱོར་ཏེ། དྲག་ཆས་ཉེས་ཅན་སྐོར་ཞིག་ཨ་ལི་ཧྲི་གྲོང་ཁྱེར་གྱི་ཞིང་རའི་ཁང་བ་བདག་མེད་ཅིག་ཏུ་སྦས་སྐོང་བྱས་ཡོད་པ་ཤེས། དེའི་རྗེས་སུ་བདེ་འཇགས་དམག་དཔུང་གིས་གློ་བུར་དུ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ། འཁྲུག་རྩོད་བྱེད་སྐབས་ཉུང་མཐར་ཡང་འཇིགས་སྐུལ་ཉེས་ཅན་བཅུ་གསུམ་བསད་པ་དང་། འགས་རྫས་སྒྲིག་ཆས་དང་རང་སྲོག་གཅོད་པའི་འགས་གཏོར་སྐགས་བཅིངས། མེ་མདའ་སྐོར་ཞིག་བཅས་གཞུང་བཞེས་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཁང་བ་དེ་ནི་དྲག་ཆས་ཉེས་ཅན་གྱིས་མི་སྣར་གསོ་སྦྱོང་བྱེད་པ་དང་བདེ་འཇགས་དམག་དཔུང་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་འཆར་འགོད་བྱེད་སའི་རྟེན་གཞི་ལྟ་བུ་ཡིན་པ་རེད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།