ཁཱ་མེ་ལུང་ནུབ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁཱ་མེ་ལུང་གི་ས་གནས་དཔོན་རིགས་ཀྱིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་བདེན་དཔང་བྱས་དོན། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་པཱ་ཧྥུའུ་སཱ་མུའུ་ནས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

ནུབ་ཕྱོགས་ས་ཁུལ་ཆེན་མོའི་མགོ་བ་ཧྥུན་ཁཱ་ཡིས་གསར་འགོད་པར་བཤད་རྒྱུར། ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་ཡུལ་དངོས་ཀྱི་རྒུད་སྐྱོབ་མི་སྣས་བེམ་པོ་བཞི་བཅུ་རྙེད་ཡོད་ཟེར། ས་དེའི་སྲིད་གཞུང་གིས་རྒུད་སྐྱོབ་མི་སྣ་ཁ་སྣོན་བྱས་པ་དང་རྒུད་སྐྱོབ་བྱ་བ་མིག་སྔར་མུ་མཐུད་དུ་སྤེལ་བཞིན་ཡོད་པ་རེད། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་དེ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་ཡས་མས་སུ་བྱུང་བ་དང་། མི་མང་བོ་ཞིག་གཉིད་ལོག་རྩིས་བྱེད་སྐབས་གློ་བུར་དུ་འུར་སྒྲ་ཆེན་པོ་བྱུང་སྟེ། ཁང་བ་མང་བོ་བསྣུབས་ཡོད་པ་རེད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།