དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་བར་སྣང་ནས་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་འཐབ་འཛིང་གནམ་གྲུ་མངག་ནས། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་བར་སྣང་ནས་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མི་བསྡད་མེད་པའི་གནམ་གྲུ་དེ་སྐབས་ཐོག་དེར་ཅཱ་ཧྲ་ས་ཁུལ་གྱི་བར་སྣང་དུ་རྒྱུན་ལྡན་མིན་པའི་མཐོ་ཚད་དུ་འཕུར་བཞིན་ཡོད་པ་དང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་སར་འཕངས་པ་རེད་ཟེར། 

མིག་སྔར་ཅཱ་ཧྲ་ས་ཁུལ་དུ་དོན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།