ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་ལས་འགན་མེད་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ཙུང་ལིའི་བཞུགས་ཤག་གིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཕྱི་འབྲེལ་བློན་ཆེན་ཅེ་ཞི་ནཱ་ཝེ་དང་རྒྱལ་སྲུང་བློན་ཆེན་ཙེ་པུས་ཏིས་གཉིས་ཀྱི་ལས་འགན་མེད་པར་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐུ་ནི་ཞི་ཡཱའི་ཙུང་ལི་ཧྭ་ཧི་ཏི་ཡིས་གསར་དུ་འགན་ཁུར་བའི་ཙུང་ཐུང་སེ་དབྱེ་ཏི་དང་གྲོས་མོལ་བྱས་རྗེས། གོང་སྨྲས་བློན་ཆེན་དེ་གཉིས་ཀྱི་ལས་འགན་མེད་པར་གཏོང་རྒྱུ་ཐག་བཅད་པ་དང་། ཁྲིམས་འཛིན་བློན་ཆེན་ཅཱ་མུའུ་ཞེ་ཡིས་གནས་སྐབས་སུ་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བ་དང་། ཕྱི་འབྲེལ་རྒྱལ་སྲིད་དྲུང་ཡིག་པཱ་ཞེ་ཐའོ་ཅི་ཡིས་གནས་སྐབས་སུ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་དུ་འཇུག་རྒྱུ་ཐག་བཅད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།