ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་དམག་དཔུང་གིས་པཱ་ཀི་ཏཱ་ཏིས་ཀྱི་རྗེས་འཇུག་པ་གཙོ་བོ་བསད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཆེས་མཐོའི་མགོ་བ་པཱ་ཀི་ཏཱ་ཏིས་ཀྱི་རྗེས་འཇུག་པ་གཙོ་བོ་ཨ་མེ་རི་ཁའི་དམག་དཔུང་གིས་བསད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། ཡིན་ཡང་མི་དེའི་ཐོབ་ཐང་དང་ཨ་མེ་རི་ཁའི་དམག་དཔུང་གི་འབྲེལ་ཡོད་འགུལ་སྐྱོད་སྤེལ་བའི་དུས་ཚོད་དང་ས་གནས་སོགས་གསལ་བོར་བསྒྲགས་མེད། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཧཱ་སིང་མུའུ་ཧཱ་ཅི་ལ་ཨ་མེ་རི་ཁའི་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་དང་། མི་དེ་ནི་པཱ་ཀི་ཏཱ་ཏིས་ཀྱི་རྗེས་འཇུག་པ་གཙོ་བོ་ཞིག་ཡིན་པར་རློམ་ཡོད། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་པཱ་ཀི་ཏཱ་ཏིས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་རྗེས་སུ། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཅེ་ལཱ་པུའུ་ལུའུ་སི་གྲོང་རྡལ་གྱི་པཱ་ཀི་ཏཱ་ཏིས་ཀྱི་ཆེས་མཇུག་མཐའི་སྦས་སྐོང་བྱེད་ས་དང་བར་ཐག་དུས་ཚོད་གསུམ་གྱི་རླངས་འཁོར་བགྲོད་ཚད་ཡོད་པའི་གནས་སུ་བྱུང་བ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། པཱ་ཀི་ཏཱ་ཏིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཤར་ས་ཁུལ་ནས་ཁོར་དམིགས་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཅིག་ལས་རང་སྲོག་བཅད་པ་རེད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།