ཀུའུ་ཐི་ལོས་སི་ཡིས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མི་འགྱངས་པར་གྲོས་ཚོགས་ཐོག་མ་བསྡུ་བར་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚེས་སུམ་ཅུའི་ཉིན་རི་ནེ་ཝ་ནས་གྲོས་ཚོགས་ཐོག་མ་བསྡུ་བར་དགའ་བསུ་ཞུས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སི་རི་ཡཱའི་མི་ལ་དབང་བ་དང་སི་རི་ཡཱའི་མིས་གཙོ་ཁྲིད་བྱེད་པའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བ་སྤེལ་མགོ་བརྩམས་པ་དང་བསྟུན་ནས། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་མཉམ་དུ་འཛོམས་ནས། སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཆབ་སྲིད་བགྲོད་ལམ་གྱི་ཐོག་མའི་གྲུབ་འབྲས་ལོན་སྲིད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁོས་ཕྱོགས་སོ་སོས་ལྷག་བསམ་རྣམ་དག་གིས་མཉམ་དུ་འབད་བརྩོན་བྱང་ཤིང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་གཞིར་བཟུང་ནས་སི་རི་ཡཱའི་བདག་དབང་དང་སྒེར་ཚུགས། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་། སི་རི་ཡཱའི་མི་ཚང་མའི་ཁྲིམས་མཐུན་རེ་འདུན་དང་འཚམ་པའི་ཐག་གཅོད་ཇུས་གཞི་ཞིག་རྙེད་པར་རེ་སྒུག་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།