ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་སི་རི་ཡཱའི་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་མའོ་ཁི་ཨར་ལ་ཁོ་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་སོ་ཆི་ནས་གྲོས་མོལ་བྱས་པའི་གྲུབ་འབྲས་མཚམས་སྦྱོར་བྱས། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་སོ་ཆི་ནས་གྲོས་མོལ་བྱེད་སྐབས་བཀོད་པའི་གྲོས་མཐུན་དེས་ཕྱོགས་སོ་སོའི་ཁེ་ཕན་ལ་བསམ་བློ་བཏང་ཡོད་པ་དང་། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་སླར་གསོ་བྱེད་པར་ཕན་ཐོགས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གཅིག་གྱུར་སྒོས་བལྟས་ན། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་བཟོད་སྒོམ་བརྗེད་ཐོ་ལག་བསྟར་བྱས་ན་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་གནས་བབ་ལ་གཏན་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་པ་དང་། སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ་པར་འདོད། དེའི་ནང་ཟླ་འདིའི་ཚེས་སུམ་ཅུའི་ཉིན་རི་ནེ་ཝ་ནས་མགོ་རྩོམ་རྩིས་ཡོད་པའི་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བའང་འདུས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།