ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དུས་ཡུན་ཡང་བསྐྱར་ཇེ་རིང་དུ་གཏོང་བའི་རེ་ཞུར་ཡིད་འཐད་བྱུང་།

20191029092513IiQc.jpg

འདི་ནི་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། དབྱིན་ཇིའི་ལོན་ཏོན་གྱི་གྲོས་ཁང་ཐོག་ཁང་ཆེན་མོའི་ཕྱི་རོལ་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་དར་ཆ་དང་དབྱིན་ཇིའི་རྒྱལ་དར་རེད། 

20191029092534niOo.jpg

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། དབྱིན་ཇིའི་ལོན་ཏོན་ནས། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་ངོ་རྒོལ་བྱེད་པའི་བུད་མེད་ཅིག་གྲོས་ཁང་ཐོག་ཁང་ཆེན་མོའི་ཕྱི་རོལ་དུ་ལངས་ནས་ཡོད་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་ཚེས་ཉེར་བརྒྱད་ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་ཉིན་གྱིས་དབྱིན་ཇི་ཡིས་བཏོན་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དུས་ཡུན་ཡང་བསྐྱར་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་ཇེ་རིང་དུ་གཏོང་བའི་རེ་ཞུ་ལ་ཡིད་འཐད་བྱུང་ཡོད་ཟེར། 

དབྱིན་ཇིའི་གྲོས་ཁང་ཞོལ་མས་ཚེས་བཅུ་དགུའི་ཉིན་བཟོ་བཅོས་འཆར་ཟིན་ཞིག་ལ་གྲོས་འཆམ་བྱུང་སྟེ། དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བར་བརྡས་ཐག་གཅོད་པའི་བྱ་བ་རྗེས་སུ་སྣུར་བར་མ་ཟད། ཡའོ་ཧན་ཞོན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ལ་འཕྲིན་ཡིག་བསྐུར་ནས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དུས་ཡུན་ཡང་བསྐྱར་ཇེ་རིང་དུ་གཏོང་དུ་བཅུག་ཡོད། ཉིན་དེར་ཡའོ་ཧན་ཞོན་གྱིས་ཐུའུ་སི་ཁི་ལ་འཕྲིན་ཡིག་བསྐུར་ནས། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་རྗེས་སུ་སྣུར་དགོས་པའི་རེ་ཞུ་བཏོན། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།