ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་བཏོན་པའི་རྒྱལ་སྤྱིའི་བདེ་འཇགས་ས་ཁུལ་ལ་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་ཉེར་དྲུག་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་དང་གྲོས་མོལ་བྱས། འཇར་མན་ཕྱོགས་ཀྱིས་ཐུར་ཁེ་ཡིས་སི་རི་ཡཱ་ནས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། ཐུར་ཁེ་ཕྱོགས་ཀྱིས་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་བཏོན་པའི་སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་རྒྱལ་ཁབ་མང་བོ་མཉམ་དུ་ཞུགས་པའི་རྒྱལ་སྤྱིའི་བདེ་འཇགས་ས་ཁུལ་འཛུགས་པའི་གྲོས་གཞི་ངོ་རྒོལ་བྱས། 

ཐུར་ཁེ་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་བལྟས་ན་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཁཱ་ལོན་པའོ་ཨར་གྱིས་བཏོན་པའི་བདེ་འཇགས་ས་ཁུལ་འཛུགས་པའི་གྲོས་གཞི་དེ་དངོས་ཡོད་དང་མི་མཐུན་ཞིང་། ཐུར་ཁེ་ལ་འབྲེལ་བ་ཡོད་པར་མ་ཟད་སི་རི་ཡཱའི་སྲིད་གཞུང་དང་ཨུ་རུ་སི། དེ་མིན་འབྲེལ་ཡོད་ཀྱི་ཕྱོགས་གཞན་པར་འབྲེལ་བ་ཡོད་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་མི་ཆོས་རིང་ལུགས་གནད་དོན་ལ་དོ་སྣང་བྱ་དགོས་པའི་འབོད་སྐུལ་བཏང་བ་དང་། གནད་དོན་དེར་སྔར་ལས་ཕན་ཐོགས་འབྱུང་ཆེད། ཐུར་ཁེ་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།