ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་དབྱི་རག་ནས་སི་རི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་མངག་གཏོང་བྱས་ཏེ་སྣུམ་ཞིང་གི་བདེ་འཇགས་ལ་འགན་སྲུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་ཡིས་ཚེས་ཉེར་དྲུག་ཉིན་དབྱི་རག་ནས་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དུ་དམག་དཔུང་མངག་གཏོང་བྱས། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་མི་བརྒྱ་ཕྲག་འགའ་སི་རི་ཡཱའི་ཤར་ཕྱོགས་སྣུམ་ཞིང་ས་ཁོངས་སུ་བཀོད་སྒྲིག་བྱས་ཏེ་སྣུམ་ཞིང་གི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་རྒྱུར། སི་རི་ཡཱ་རུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་བརྒྱ་ཤོག་གཅིག་ལས་མེད་པ་དང་། ཨ་མེ་རི་ཁའི་དམག་དཔུང་གི་བརྒྱ་ཤོག་གཅིག་ལ་དམག་མི་བརྒྱད་བརྒྱ་ནས་སྟོང་གཅིག་བར་ཡོད་པ་རེད། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་རླངས་འཁོར་རུ་ཁག་ཅིག་ཉིན་དེར་དབྱི་རག་ནས་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་ཧཱ་སེ་ཁི་ཞིང་ཆེན་དུ་སོང་བ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་ཉེར་དྲུག་ཉིན་ཨ་མེ་རི་ཁས་སི་རི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་དམག་མི་མངག་གཏོང་བྱས་པ་ནི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཆེད་དུ་མིན་པར། རྡོ་སྣུམ་ཐོན་ཁུངས་ལ་བསམ་བཞིན་དུ་ཚོད་འཛིན་བྱེད་པའི་ཇག་པའི་བྱ་སྤྱོད་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།