ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་སྐོར་ཐེངས་གསར་བའི་རྔམ་སྟོན་ཁྲོམ་སྐོར་ལས་མི་དོན་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་དང་དབུས་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མང་བོ་ནས་ཚེས་ཉེར་བདུན་ཉིན་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། ཉིན་གསུམ་རིང་རྒྱུན་བསྲིངས་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལས་བྱུང་བའི་འཁྲུག་རྩོད་ལས་མི་དོན་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་དྲུག་བརྒྱ་ང་བཞིར་རྨས་ཕོག་ཡོད་ཟེར། 

དབྱི་རག་གྲོས་ཁང་གི་ཁོངས་སུ་གཏོགས་པའི་འགྲོ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་པཱ་ཡཱ་ཐིས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཚེས་ཉེར་ལྔ་ཉིན་གྱི་ཚུན་ལ་བྱུང་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལས་བྱུང་བའི་འཁྲུག་རྩོད་ལས་མི་དོན་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་དྲུག་བརྒྱ་ང་བཞིར་རྨས་ཕོག་ཡོད། གཞན་ཡང་སྲིད་གཞུང་གི་སྒྲིག་ཆས་དང་མི་སྒེར་གྱི་ཁང་བ་དགུ་བཅུ་ཙམ་མེར་བསྲེག་ཡོད་ཟེར། 

ནང་སྲིད་པུའུ་ཡི་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཚེས་ཉེར་བདུན་ཉིན་གྱི་ཁྲོམ་སྐོར་བྱ་འགུལ་དེ་ཉིན་སྔོན་མ་གཉིས་དང་བསྡུར་ན་ཅུང་ཞི་འཇགས་སུ་སོང་ཡོད་ཟེར། 

དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ནེ་ཀི་བཅོས་སྒྲིག་བྱེད་པ་དང་བྱ་བའི་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱེད་རྒྱུ་མ་ཟད། རུལ་སུངས་དཔོན་པོར་ཆད་གཅོད་ནན་མོ་བྱེད་རྒྱུ་ཁས་ལེན་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།