ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་འཇར་མན་གྱི་སི་རི་ཡཱ་ནས་བདེ་འཇགས་ས་ཁུལ་འཛུགས་པའི་སྐོར་གྱི་གྲོས་གཞིར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་ཉེར་ལྔ་ཉིན་འཇར་མན་གྱི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་བདེ་འཇགས་ས་ཁུལ་འཛུགས་པའི་སྐོར་གྱི་གྲོས་གཞིར་དགའ་བསུ་བྱེད་པའི་ཚུལ་བསྟན། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་མུ་མཐུད་དུ་ཇུས་གཞི་གང་རུང་འཚོལ་ཞིབ་བྱས་ཏེ། སི་རི་ཡཱའི་གནས་བབ་ཐད་ནས་རྒྱུན་མཐུད་ཀྱི་ཐག་གཅོད་ཇུས་གཞི་ཞིག་རྙེད་པར་སྟབས་བདེ་བཟོ་དགོས། མིག་སྔར་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་རྒྱུན་བསྲིང་བྱེད་མི་རུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་མཐོང་སྣང་དུ་གྱུར་བའི་འགྲན་རྩོད་ཡོད་ཚད་ཐག་གཅོད་བྱེད་པའི་འགན་ཁུར་དགོས་བས། ངས་གྲོས་གཞི་དེར་དགའ་བསུ་ཞུས་པ་ཡིན་ཟེར། 

ཁོས་དེའི་རྗེས་སུ་དྲི་བར་ལན་འདེབས་པའི་སྐབས་སུ་ནན་གྱིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་ཐད་དུ་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། མིག་སྔར་བྱང་ཆིངས་རྩ་འཛུགས་ཀྱི་མིང་ཐོག་ནས་ས་ཁུལ་དེར་དམག་དོན་འགུལ་སྐྱོད་སྤེལ་བའི་འབོད་སྐུལ་བཏང་མེད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།