ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་ཐུར་ཁེའི་བཀག་སྡོམ་མེད་པར་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཐུར་ཁེའི་སྲིད་གཞུང་གིས་ཨ་མེ་རི་ཁར་སི་རི་ཡཱའི་མངའ་ཁོངས་ཀྱི་དམག་དོན་འགུལ་སྐྱོད་མཚམས་བཞག་སྟེ། དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་རྒྱུ་ཁས་ལེན་བྱས་པར་དམིགས་ནས། ཨ་མེ་རི་ཁས་དེའི་སྔོན་ཐུར་ཁེ་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེའི་ཉིན་གུང་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཐུར་ཁེའི་སྲིད་གཞུང་གིས་ཉིན་དེའི་སྔ་དྲོར་ཨ་མེ་རི་ཁར་བརྡར་བཏང་སྟེ། ཐུར་ཁེ་ཕྱོགས་ཀྱིས་སི་རི་ཡཱའི་མངའ་ཁོངས་ཀྱི་དམག་དོན་འགུལ་སྐྱོད་མཚམས་བཞག་ནས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་རྒྱུའི་ཚུལ་བསྟན། དེ་བས་ཁོས་ནོར་སྲིད་བློན་ཆེན་ལ་ཨ་མེ་རི་ཁས་ཟླ་བཅུ་བའི་ཟླ་དཀྱིལ་དུ་ཐུར་ཁེ་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་བསྟན་དོན། གལ་ཏེ་ཐུར་ཁེ་ཡིས་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འོས་འགན་ལག་བསྟར་བྱེད་མ་ཐུབ་ན། ཨ་མེ་རི་ཁས་ཐུར་ཁེ་ལ་ཡང་བསྐྱར་བཀག་སྡོམ་བྱེད་ཐབས་སྤྱོད་ངེས་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁས་རྒྱལ་ཁབ་གཞན་པས་སི་རི་ཡཱའི་གནད་དོན་ཐད་ནས་རོགས་རམ་བྱེད་པའི་སྣང་ཚུལ་བཟང་བོ་མཐོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།