དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་འཇབ་རྒོལ་བྱས་ཏེ་དབྱི་རག་གི་ཉེན་རྟོག་པ་དྲུག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། དབྱི་རག་གི་ཉེན་རྟོག་པ་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་པཱ་ཆི་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེན་རྟོག་པ་དང་དམངས་དམག་དྲག་ཆས་པའི་ཁོངས་མིས་ཉིན་དེར་ཞིང་ཆེན་དེའི་སཱ་མེད་ལཱ་གྲོང་ཁྱེར་བྱང་ངོས་ཀྱི་གཙང་འགྲམ་ཞིག་ཏུ་སྐོར་གཡེང་བྱེད་སྐབས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ནས། ཉེན་རྟོག་པ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མཐོ་རིམ་ཉེན་རྟོག་དཔོན་པོ་གཉིས་འདུས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།