ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་བྱང་ཆིངས་རྩ་འཛུགས་ཀྱིས་སི་རི་ཡཱ་ནས་བདེ་འཇགས་ས་ཁུལ་འཛུགས་དགོས་པ་དང་ཐུར་ཁེ་དང་ཨུ་རུ་སི་མཉམ་ཞུགས་བྱེད་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཁི་ལན་ཕུའུ་ཁཱ་ལོན་པའོ་ཨར་གྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཁོ་མོས་བྱང་ཆིངས་རྩ་འཛུགས་ལ་གྲོས་གཞི་བཏོན་ནས། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་ཨུ་རུ་སི་དང་ཐུར་ཁེ་མཉམ་དུ་ཞུགས་པའི་རྒྱལ་སྤྱིའི་བདེ་འཇགས་ས་ཁུལ་ཞིག་འཛུགས་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཁི་ལན་ཕུའུ་ཁཱ་ལོན་པའོ་ཨར་གྱིས་གསར་འགོད་པར་བཤད་རྒྱུར། སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་དེ་ཡོ་རོབ་གླིང་མནའ་འབྲེལ་དང་འཇར་མ་གྱི་བདེ་འཇགས་ཁེ་ཕན་དང་མི་འཚམ་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་མན་སྲིད་གཞུང་གིས་ཐུར་ཁེ་ཡི་རྒྱལ་ཁོངས་བརྒལ་བའི་དམག་དོན་འགུལ་སྐྱོད་ལ་བཟུང་བའི་རྣམ་འགྱུར་གཞན་སྒུལ་དུ་གྱུར་ཡོད་ཟེར། 

ཁོ་མོས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་དེ་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔའི་བར་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་སྤེལ་རྒྱུ་ཡིན་པ་དང་། འཇར་མན་ཕྱོགས་ཀྱིས་སྐབས་ཐོག་དེར་རྒྱལ་སྤྱིའི་བདེ་འཇགས་ས་ཁུལ་འཛུགས་པའི་རེ་འདོད་སྟོན་རྒྱུ་ཡིན་ལ། ཙུང་ལི་མའོ་ཁི་ཨར་གྱིས་གྲོས་གཞི་དེར་རྒྱབ་སྐྱོབ་བྱེད་བཞིན་ཡོད། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་འཇར་མན་གྱི་དམག་དཔུང་བྱ་འགུལ་དེར་ཞུགས་མིན་ཐག་གཅོད་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།