ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཝུའུ་ཁི་ལན་བར་དངོས་གཉེར་མཉམ་ལས་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལུའུ་ཅན་ཁི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། མིག་སྔར་མུ་མཐུད་དུ་ངོ་རྒོལ་བྱེད་པ་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཐུན་མོང་ཁེ་ཕན་དང་མི་འཚམ་ལ། ཨུ་རུ་སི་ཡིས་ཝུའུ་ཁི་ལན་མཉམ་དུ་འདྲ་མཉམ་གྱི་རྨང་གཞིའི་སྟེང་དངོས་གཉེར་མཉམ་ལས་སྤེལ་འདོད་ཡོད་ཟེར། 

ལུའུ་ཅན་ཁི་ཡིས་ཉིན་དེར་ཨུ་རུ་སིའི་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་རྒྱལ་ནང་གི་གནས་བབ་འཕེལ་རྒྱས་ལ་དོ་སྣང་ཟབ་མོ་བྱེད་བཞིན་ཡོད་ཅིང་། ཝུའུ་ཁི་ལན་རྒྱལ་ནང་དུ་ཨུ་རུ་སིའི་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྲོ་བར་རེ་བཞིན་པའི་ཕྱོགས་ཁག་ཅིག་ཡོད་པ་དང་། ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་ཅིག་ཀྱང་ཡོད་པ་ཤེས་ཡོད། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བའི་འཕེལ་རྒྱས་དེ་གཙོ་བོ་ཝུའུ་ཁི་ལན་ཕྱོགས་ཀྱིས་ཇི་ལྟར་གདམ་གསེས་བྱེད་པར་རག་ལས་ཡོད་ཟེར། 

ལུའུ་ཅན་ཁི་ཡིས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པའི་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་ས་ཁུལ་དགར་བའི་ཐད་ཀྱི་རྩོད་གླེང་མེད་པར་བཏང་སྟེ། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་ནན་མོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།