ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་དབྱི་སི་རལ་གྱི་ཙུང་ལི་ཡིས་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་གཅིག་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། སི་རི་ཡཱའི་གནད་དོན་དང་། ཨུ་རུ་སི་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་འབྲེལ་བའི་གནད་དོན་ལ་གྲོས་བསྡུར་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། མགོ་ཁྲིད་པ་གཉིས་ཀྱིས་མིག་སྔའི་ཨུ་རུ་སི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། མུ་མཐུད་དུ་རིགས་སྣ་ཀུན་འདུས་དང་ཕན་འབྲས་བཟང་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཨུ་རུ་སི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཨུ་རུ་སི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བའི་ཐད་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མགོ་ཁྲིད་པ་གཉིས་ཀྱིས་མིག་སྔའི་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། མཉམ་དུ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། མིག་སྔའི་གནས་བབ་འོག སི་རི་ཡཱ་དང་ཐུར་ཁེ་ཡིས་ཐད་ཀར་གྱི་བདེ་འཇགས་གྲོས་མོལ་བྱེད་པའི་དགོས་གལ་ཆེ་བ་དང་། ཨུ་རུ་སི་ཡིས་དོན་དེའི་ཐད་ནས་རོགས་འདེགས་བྱེད་རྩིས་ཡོད་ཀྱང་། ཨུ་རུ་སི་ཡིས་རང་ཉིད་ཀྱི་མངའ་ཁོངས་སུ་སི་རི་ཡཱ་དང་ཐུར་ཁེའི་བདེ་འཇགས་གྲོས་མོལ་སྤེལ་རྩིས་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།