ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་དང་རྒྱལ་སྲུང་བློན་ཆེན་གྱིས་གསང་སྟབས་ཀྱིས་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཚེས་ཉི་ཤུའི་ཉིན་རྒྱལ་ས་ཁཱ་པོར་ནས་སོ་སོར་ཨ་མེ་རི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་གཉིས་ལ་ཐུག་འཕྲད་བྱས། 

ཅཱ་ནེ་ཡིས་ཕའེ་ལོ་ཞི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་རྒྱ་བསྐྱེད་པ་དང་། ཁྱད་པར་དུ་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་ད་རུང་ཐཱ་ལེ་པན་བར་གྱི་ཞི་བདེའི་འཕེལ་རིམ་ལ་གྲོས་བསྡུར་བྱས། 

ཅཱ་ནེ་ཡིས་ཨེ་སི་པའོ་ལ་ཐུག་འཕྲད་བྱེད་སྐབས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། ཐཱ་ལེ་པན་བར་གྱི་ཞི་བདེའི་འཕེལ་རིམ་སོགས་གྲོས་གཞི་རབ་དང་རིམ་པར་གྲོས་བསྡུར་བྱས། ཨེ་སི་པའོ་ཡིས་ཨ་མེ་རི་ཁས་མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ནན་བཤད་བྱས། 

ཕའེ་ལོ་ཞི་དང་ཨེ་སི་པའོ་གཉིས་ཚེས་ཉི་ཤུའི་ཉིན་ཁཱ་པོར་དུ་འབྱོར་ནས། ཨ་ཧྥུའུ་ཧན་ལ་གསང་སྟབས་ཀྱིས་འཚམས་འདྲི་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།