ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེར་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་ནས་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱད་ལ་རྨས་ཕོག་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཨ་པུས་དབྱང་ཞིང་ཆེན་གྱི་མུའུ་ཏིས་ཡཱ་ས་ཁུལ་དུ་དམག་དོན་ཞིབ་བཤེར་ས་ཚིགས་འཛུགས་རྩིས་བྱས་པ་དང་། བྱ་སྤྱོད་དེར་ས་ཁུལ་དེ་ཚོད་འཛིན་བྱེད་པའི་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་དྲག་ཆས་དམག་དཔུང་གིས་ངོ་རྒོལ་བྱས་པས་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་བ་རེད། དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་པ་དང་། སྲིད་གཞུང་དམག་དཔུང་གི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག་ཡོད། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་མི་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ས་དེའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། འཁྲུག་རྩོད་བྱེད་སྐབས་སྲིད་གཞུང་གི་དམག་མི་བདུན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་དྲག་ཆས་དམག་དཔུང་གིས་འཛིན་བཟུང་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།