ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་བཞག་པར་ལྟ་རྟོག་བྱེད་པའི་ཚན་ཆུང་ལ་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་ཁྲིད་པའི་འཁྲུག་རྩོད་མཚམས་བཞག་པར་ལྟ་རྟོག་བྱེད་པའི་ཚན་ཆུང་ཞིག་ལ་ཉིན་དེར་ཡེ་མིན་གྱི་མཚོ་དམར་འགྲམ་བརྒྱུད་ཀྱི་གྲོང་ཁྱེར་ཧི་ཐེ་ཏཱ་ནས་ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ། དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཚན་ཆུང་གི་མི་སྣ་གཞན་པ་ཞིག་ལ་རྨས་ཕོག་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དམག་དཔོན་ཞིག་གིས་གསར་འགོད་པར་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཀྱིས་གྲུབ་པའི་ཧི་ཐེ་ཏཱའི་འཐབ་འཁྲུག་མཚམས་བཞག་པར་ལྟ་རྟོག་བྱེད་པའི་ཚན་ཆུང་ལ་ཉིན་དེར་ཧི་ཐེ་ཏཱའི་ཤར་ཕྱོགས་ས་ཁུལ་ནས་ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་ཐེབས། དོན་རྐྱེན་བྱུང་སྐབས་ཚན་ཆུང་དེ་གསར་དུ་འགན་ཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་ལ་རོགས་སྐྱོར་བྱེད་པའི་ཆེད་མངག་ཚོགས་པའི་ཚོགས་གཙོ་ཀུའུ་ཧཱ་དང་ཐུག་འཕྲད་བྱེད་དུ་འགྲོ་བཞིན་ཡོད་པ་དང་། ཚོགས་གཙོ་དང་མཉམ་དུ་ས་ཁུལ་དེར་འཁྲུག་རྩོད་མཚམས་འཇོག་པའི་ལྟ་ཞིབ་བྱེད་ས་ཞིག་འཛུགས་པའི་ལས་དོན་ལ་གྲོས་བསྡུར་བྱེད་རྩིས་ཡོད་པ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།