ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཀྲུང་གོའི་འབྲེལ་བའི་མིག་སྔའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། འཇར་པན་དང་ཀྲུང་གོའི་མགོ་ཁྲིད་པའི་བར་གྱི་བརྗེ་རེས་གལ་འགངས་ཧ་ཅང་ཆེ་བ་དང་། འཇར་པན་དང་ཀྲུང་གོའི་འབྲེལ་བའི་མིག་སྔའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས་ཟེར། 

ཨན་པའེ་ཅིན་སན་གྱིས་རྒྱལ་ཚོགས་གྲོས་ཞུགས་ཁང་སྔོན་རྩིས་ཨུ་ཡོན་ལྷན་ཁང་ནས་ཀུང་མེན་ཏང་གི་གྲོས་མི་ཕེན་མུའུ་ཏཱ་ཙོ་ཡིས་དོགས་གཞིར་ལན་འདེབས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ད་རུང་ནན་གྱིས་བསྟན་དོན། འཇར་པན་དང་ཀྲུང་གོའི་དཔལ་འབྱོར་དང་ན་གཞོན་སོགས་རིམ་པ་སོ་སོའི་བརྗེ་རེས་རྒྱ་བསྐྱེད་དགོས་ཟེར། 

ཉེ་སྔོན་ཨན་པའེ་ཅིན་སན་གྱིས་ཐེངས་མང་བོར་འཇར་པན་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་རྣམ་འགྱུར་བཟང་བོ་བསྟན། ཟླ་འདིའི་ཚེས་བཞིའི་ཉིན། ཨན་པའེ་ཅིན་སན་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གི་གྲོས་ཚོགས་ལ་ཞུགས་ཏེ་སྲིད་སྐྱོང་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། འཇར་པན་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་བ་གསར་འབྱེད་བྱས་ཏེ། འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།