ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱིས་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལྟ་རྟོག་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། འཇར་མན་བདེ་འཇགས་སྡེ་ཁག་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་གཡས་ཕྱོགས་ཀྱི་རྒྱབ་སྐྱོར་མཁན་དང་གཡས་ཕྱོགས་ཀྱི་ཐལ་སྤྱོད་ཉེས་ཅན་གྱི་ལྟ་རྟོག་ལ་ཞུགས་སྣོན་བྱས་ཏེ། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། 

འཇར་མན་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། འཇར་མན་རྒྱལ་ནང་གི་བདེ་འཇགས་ལས་དོན་གྱི་འགན་ཁུར་བའི་རྒྱལ་ཕྲན་མཉམ་འབྲེལ་རྩ་ཁྲིམས་སྲུང་སྐྱོབ་ཅུའུ་དང་རྒྱལ་ཕྲན་མཉམ་འབྲེལ་ཉེས་དོན་རྟོག་ཞིབ་ཅུའུ་ཡིས་བྱེད་ཐབས་གསར་བ་རབ་དང་རིམ་པ་སྤྱོད་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཐལ་སྤྱོད་ཉེས་ཅན་སྐོར་ཞིག་གིས་མཉམ་འབྲེལ་དྲ་རྒྱ་དང་བྱ་འགུལ་གཞན་པའི་ཁྲོད་ནས་ཡོང་འབབ་ལེན་པའམ་ཡང་ན་འབྲེལ་གཏུག་བྱེད་བཞིན་ཡོད་པ་རེད། བདེ་འཇགས་ལས་ཁུངས་ཀྱིས་བྱ་འགུལ་དེ་དག་གི་འཕེལ་ཕྱོགས་གསར་བར་དོ་སྣང་བྱས་ཏེ་ཐག་གཅོད་བྱེད་ཐབས་གསར་བ་སྤྱོད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།