འདི་ནི་སུའེ་ཏེན་སི་ཐོག་ཁོར་མོའི་གོང་མ་ཚང་ཚན་རིག་ཁང་དུ2019ལོའི་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་འཐོབ་མཁན་གསུམ་གྱི་འདྲ་རིས་བརྙན་ཤེལ་ཏུ་སྟོན་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས་ཉེ་ཆར2019ལོའི་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཨ་པི་ཅེ་ཐེ·པན་ན་ཅེ་དང་། ཨའེ་སེ་ཐེ·ཏི་ཧྥུའུ་ལོ། མའེ་ཁེར·ཁེ་ལེ་མོ་བཅས་དཔལ་འབྱོར་རིག་པ་མཁས་ཅན་གསུམ་ལ་སྤྲད་དེ། ཁོང་ཚོས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་ཞིབ་འཇུག་ཁྱབ་ཁོངས་སུ་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱེད་པའི་ཁྱབ་བསྒྲཌ་བྱས།