ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་རྒྱལ་ཁབ་དེའི་ལྷོ་ནུབ་ས་ཁུལ་དུ་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཧཱ་སིང་གིས་བཤད་རྒྱུར། དམག་ཕྱོགས་ལ་ཉིན་དེར་སོ་མཱ་ལིའི་ལྷོ་ནུབ་ཕྱོགས་ཀྱི་ཀའེ་ཏའོ་ཀྲིག་གི་སྡོད་དམངས་མང་བོ་ཞིག་གི་སྙན་ཞུ་འབྱོར་ཏེ། ན་གཞོན་ཏང་གི་དྲག་ཆས་པས་ཀྲིག་དེའི་པཱ་ཨར་ཏའེ་ལོས་གྲོང་རྡལ་དུ་སྡོད་དམངས་ཀྱི་ལག་ནས་རྒྱུ་ནོར་བཙན་ལེན་བྱེད་བཞིན་ཡོད་པ་ཤེས། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་དེའི་རྗེས་སུ་དྲག་ཆས་ཉེས་ཅན་ལ་ཕར་རྒོལ་བྱས། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་སྟེ་དྲག་ཆས་ཉེས་ཅན་གྱིས་འཕྲོག་པའི་ཕྱུགས་ཟོག་སུམ་བརྒྱ་ཕྱིར་བླངས་པར་མ་ཟད། དྲག་ཆས་ཉེས་ཅན་མང་བོ་འཛིན་བཟུང་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།