རོ་མཱ་ནི་ཡཱའི་ཙུང་ཐུང་གིས་ཨོ་ཨར་པན་ཙུང་ལི་གསར་བར་མིང་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རོ་མཱ་ནི་ཡཱའི་ཙུང་ཐུང་ཡའོ་ཧན་ནེ་སི་ཡིས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་ཙུང་ཐུང་བཞུགས་ཤག་ནས་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་རང་དབང་ཏང་གི་ཀྲུའུ་ཞི་ཨོ་ཨར་པན་ཙུང་ལི་གསར་བར་མིང་བཏོན་པ་དང་ཁོས་མྱུར་དུ་སྲིད་གཞུང་གསར་བའི་རྩ་འཛུགས་བྱ་བ་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཡའོ་ཧན་ནེ་སི་ཡིས་བཤད་རྒྱུར། རོ་མཱ་ནི་ཡཱ་ཡིས་སང་ལོར་ས་གནས་ཀྱི་འདེམ་བསྐོ་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པས། སྲིད་གཞུང་གསར་བ་ནི་བར་བརྒལ་སྲིད་གཞུང་ཙམ་ཡིན་ཟེར། ཁོས་བཤད་རྒྱུར། སྲིད་གཞུང་གསར་བའི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་ཟླ་ངོ་རྗེས་མའི་ཙུང་ཐུང་འདེམ་བསྐོའི་བྱ་བར་རྩ་འཛུགས་གང་ལེགས་བྱེད་པ་དང་། ད་ལོའི་སྔོན་རྩིས་ཡོངས་འགྲུབ་དང་སང་ལོའི་སྔོན་རྩིས་གཏན་འབེབས་བྱེད་པ་བཅས་ཡིན་ཟེར། 

རོ་མཱ་ནི་ཡཱའི་རྩ་ཁྲིམས་ལྟར་ན། མིང་བཏོན་པའི་ཙུང་ལི་ཡིས་ཉིན་བཅུའི་ནང་སྲིད་གཞུང་གསར་བ་རྩ་འཛུགས་བྱས་ཏེ་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་འཕེན་པ་དང་ལེན་བྱེད་དགོས་པ་རེད། 

ཨོ་ཨར་པན་གྱིས་གཏམ་བཤད་སྤེལ་ཏེ། མིག་སྔར་རྒྱལ་ཁབ་ལ་གཏན་འཇགས་དང་བྱ་བ་བསྒྲུབ་པར་མཁས་པའི་སྲིད་གཞུང་ཞིག་མཁོ་གལ་ཆེ་བ་དང་། ཁོས་རང་ནུས་ཅི་ལྕོགས་བྱས་ཏེ་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་སྲིད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།