ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཙུང་ཐུང་གིས་རྒྱལ་ཡོངས་ཀྱི་གྲོས་མོལ་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་ཁུལ་མང་བོ་ནས་བྱུང་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ཐག་གཅོད་བྱེད་ཆེད། དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བཅོ་ལྔ་ཉིན་རྒྱལ་ཡོངས་ཀྱི་གྲོས་མོལ་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། འདེམ་བསྐོའི་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་། 

དབྱི་རག་གི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། སཱ་ལེ་ཧི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་དང་དབྱི་རག་འདེམ་བསྐོའི་ལས་ཁུངས། སྨྱན་བཅས་བཅས་ཀྱི་འཐུས་མིར་ཐུག་འཕྲད་བྱས། སཱ་ལེ་ཧི་ཡིས་བསྟན་དོན། དབྱི་རག་གིས་བཅོས་བསྒྱུར་ཆེན་མོ་བྱས་ནས་མང་ཚོགས་ཀྱིས་སྲིད་གཞུང་ལ་བཅངས་པའི་ཡིད་ཆེས་སླར་གསོ་བྱེད་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སཱ་ལེ་ཧི་ཡིས་རྒྱལ་ཡོངས་ཀྱི་གྲོས་མོལ་སྤེལ་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱས་ཏེ། མི་དམངས་ལ་རང་དབང་དང་ལ་རྒྱ་ཡོད་པའི་འཚོ་བ་རོལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།