ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕུ་ཡཱའི་འདུས་སྡོད་ས་ཁུལ་ཞིག་ཏུ་དྲག་ཆས་འཇབ་རྒོལ་ཐེབས་ཏེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཙེ་ཨོ་ཕུ་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། མེ་མདའ་བཟུང་བའི་ཚོགས་ཁག་ཅིག་གིས་ཚེས་བཅུ་གཉིས་ཉིན་རྒྱལ་ཁབ་དེའི་ཨ་ཧྥེ་ཨར་ཀྲིག་གི་ཨ་ཧྥ་པའོ་ས་ཁུལ་གྱི་འདུས་སྡོད་ས་ཁུལ་ཞིག་ཏུ་འཇབ་རྒོལ་བྱས་པ་དང་། མིག་སྔར་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། འདས་པོའི་གྲས་སུ་བུད་མེད་དང་བྱིས་པ་བདུན་འདུས་པ་དང་། མི་རེ་འགའ་འཇབ་རྒོལ་ཁྲོད་རྨས་ལྗིད་མོ་ཕོག་ཡོད་ཟེར། སྤྱི་སྒྲོག་ལས་འཇབ་རྒོལ་མཁན་གྱི་ཐོབ་ཐང་དང་འཇབ་རྒོལ་གྱི་དམིགས་ཡུལ་གསལ་བོར་བསྒྲགས་མེད། 

ཨ་ཧྥ་ཨར་ཀྲིག་ནི་ཨེ་ཙེ་ཨོ་ཕུ་ཡཱའི་བྱང་ཤར་ཕྱོགས་སུ་གནས་པ་དང་། སྡོད་དམངས་གཙོ་བོ་ནི་ཨ་ཧྥ་ཨར་མི་ཡིན་པ་རེད། ས་ཞིང་དང་ཆུ་ཁོངས་སོགས་གནད་དོན་དབང་གིས་ཨ་ཧྥ་ཨར་མི་དང་ཀྲིག་གཞན་པའི་སོ་མཱ་ལི་བའི་བར་སྐབས་འགར་འཁྲུག་རྩོད་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།