ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་མཉམ་དུ་ཐུར་ཁེ་ཡིས་སི་རི་ཡཱའི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་གསུམ་ཉིན་ཕཱ་རེ་སིའི་ཨེ་ལོས་ཧྲི་ཕོ་བྲང་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཐུན་མོང་གི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། ཐུར་ཁེ་ཡིས་སི་རི་ཡཱའི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

གྲོས་མོལ་བྱས་རྗེས་མཉམ་དུ་གསར་འགོད་པར་སྣེ་ལེན་བྱེད་སྐབས་མཱ་ཁི་ལུང་གིས་བསྟན་དོན། ཁོ་དང་མའོ་ཁི་ཨར་གྱིས་སོ་སོར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་བར་བསམ་འཆར་བརྗེ་རེས་བྱས་ཏེ། ང་ཚོའི་ཐུན་མོང་གི་རེ་འདུན་ནི་དཔུང་འཇུག་བྱེད་མཚམས་འཇོག་རྒྱུ་དེ་ཡིན་པ་གསལ་བོར་བསྟན་ཡོད་ཟེར། 

མཱ་ཁི་ལུང་གིས་བལྟས་ན། ཐུར་ཁེའི་དམག་དོན་འགུལ་སྐྱོད་ལས་ཐེག་ཐབས་མེད་པའི་མི་ཆོས་རིང་ལུགས་ཀྱི་རྣམ་པ་འབྱུང་དུ་འཇུག་སྲིད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ས་ཁུལ་དེ་ནས་འདས་ལོག་བྱེད་དུ་འཇུག་སྲིད་པར་འདོད། ཁོས་བསྟན་དོན། ཐུར་ཁེ་ལ་མཚོན་ཆ་ཕྱིར་འཚོང་བྱེད་མཚམས་འཇོག་པ་ལས་གཞན། ཧྥ་རན་སི་དང་འཇར་མན་གྱིས་ད་རུང་བྱེད་ཐབས་གཞན་པའང་འདོན་སྲིད་ཟེར། ཁོས་ཡོ་རོབ་གླིང་ཧྲིལ་བོས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་། རྒྱུ་མཚན་ནི་མིག་སྔའི་གནས་བབ་ཀྱིས་ཡོ་རོབ་གླིང་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས་ཡིན་ཟེར། 

མའོ་ཁི་ཨར་གྱིས་བཤད་རྒྱུར། ང་ཚོས་ཐུར་ཁེའི་ཁེ་ཕན་དང་བདེ་འཇགས་ལ་བསམ་བློ་གཏོང་དགོས་ཀྱང་། ང་ཚོས་བལྟས་ན་ཐུར་ཁེའི་བཙན་འཛུལ་མཚམས་འཇོག་དགོས་པར་བསམ་ཡོད། རྒྱུ་མཚན་ནི་མི་ཆོས་རིང་ལུགས་ཀྱི་གནད་དོན་ཡོད་པས་ཡིན། དེ་བཞིན་ང་ཚོས་ཀྱང་ཁུའུ་ཨར་ཏི་བར་དམིགས་པའི་འགུལ་སྐྱོད་དང་ལེན་བྱེད་ཐབས་མེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།