མའོ་ཞི་ཁོའི་ནུབ་ཕྱོགས་ས་ཁུལ་དུ་ཉེན་རྟོག་པར་འཇབ་རྒོལ་ཐེབས་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཞི་ཁོའི་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། མའོ་ཞི་ཁོའི་ནུབ་ཕྱོགས་ཀྱི་མུས་ཆུའེ་ཁུན་ཀྲིག་ཏུ་ཉིན་དེར་དྲག་ཆས་ཉེས་ཅན་གྱིས་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་ཉེན་རྟོག་པ་བཅུ་བཞི་རྐྱེན་ལམ་དུ་ཤོར་ཟེར། 

ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། མུས་ཆུའེ་ཁུན་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་ལས་འགན་ལག་བསྟར་དཔུང་སྡེ་ཞིག་གིས་ཀྲིག་དེའི་ཨ་ཅི་ལེ་ཡཱ་གྲོང་ཁྱེར་ཉེ་འདབས་སུ་ལས་འགན་ལག་བསྟར་བྱེད་སྐབས་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱས་ཏེ་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བ་རེད་ཟེར། 

མའོ་ཞི་ཁོའི་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། ས་དེའི་ཉེན་རྟོག་ཕྱོགས་བར་འབྲེལ་འདྲིས་དམ་ཟབ་བྱས་ཏེ། དགོས་ངེས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས་འཇབ་རྒོལ་མཁན་འཛིན་བཟུང་བྱེད་རྒྱུའི་ཚུལ་བསྟན། 

མའོ་ཞི་ཁོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དྲག་ཆས་ཉེས་ཅན་དེ་དག་ནི་ས་དེའི་དུག་རྫས་ལྐོག་འཚོང་སྡེ་ཁག་ཅིག་གི་ཡིན་པ་དང་། ཁོ་ཚོས་མཚོན་ཆ་ཆེ་གྲས་བཟུང་ཡོད་ལ། རླངས་འཁོར་ལ་བསྡད་དེ་ཉེན་རྟོག་ཕྱོགས་ལ་འཇབ་རྒོལ་བྱས་པ་དང་དོན་རྐྱེན་བྱུང་རྗེས་བྲོས་བྱོལ་བྱས་པ་རེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།