ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོས་ཨུ་རུ་སི་དང་ཐུར་ཁེ་ཡིས་སི་རི་ཡཱའི་གནས་བབ་ཐད་ནས་འབྲེལ་འདྲིས་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཨུ་རུ་སི་ཡིས་སི་རི་ཡཱའི་གནས་བབ་ཐད་ནས་ཐུར་ཁེའི་བར་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་སི་རི་ཡཱའི་གནས་བབ་ཛ་དྲག་ཏུ་འགྲོ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱའི་གནས་བབ་ཐད་ནས་འབྲེལ་འདྲིས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་བར་དུའང་འབྲེལ་འདྲིས་ཡོད་ཟེར། ཐུར་ཁེ་ཡིས་ཐོག་མར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་སྐབས། ཨུ་རུ་སིའི་ཕྱོགས་ཀྱིས་རིམ་པ་མང་བོ་ནས་སི་རི་ཡཱའི་ཆབ་སྲིད་ཐག་གཅོད་འཕེལ་རིམ་ལ་བཀག་རྒྱ་གང་རུང་བཟོ་བ་དང་། སི་རི་ཡཱའི་གནས་བབ་ཛ་དྲག་ཏུ་འགྱུར་བའི་བྱ་སྤྱོད་གང་རུང་སྤེལ་བར་ངོ་རྒོལ་བྱེད་པའི་རྣམ་འགྱུར་བསྟན་མྱོང་ཟེར། ཁོས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་དེ་རྒྱུན་འཁྱོངས་བྱས་ཡོད་ཟེར། 

སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་དང་སི་རི་ཡཱའི་སྲིད་གཞུང་གིས་གྲོས་མཐུན་བཀོད་པའི་གནས་ཚུལ་ཐད་ནས་ཕའེ་སི་ཁི་ཧྥུའུ་ཡིས་དཔྱད་བརྗོད་གང་ཡང་སྤེལ་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།