ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ནུབ་ཕྱོགས་ས་ཁུལ་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ས་གནས་དཔོན་པོ་ཞིག་གིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་དུ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། དམག་དཔོན་ཞིག་དང་བཅས་པའི་དབྱི་རག་གི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་ཟེར། 

ཨན་པཱ་ཨར་ཞིང་ཆེན་གྱི་ལུའུ་ཐི་པཱ་གྲོང་རྡལ་གྱི་གྲོང་གཙོ་ཏུའུ་ལའེ་མུས་ཀྱིས་བཤད་རྒྱུར། དབྱི་རག་དམག་དཔུང་གི་སྐོར་གཡེང་རུ་ཁག་ཅིག་གིས་ཉིན་དེའི་ཕྱི་དྲོར་ལུའུ་ཐི་པཱ་གྲོང་རྡལ་ཤར་ངོས་ས་ཁུལ་ནས་ལམ་འགྲམ་དུ་བསྐྱུར་བའི་རླངས་འཁོར་ཞིག་ལས་བེམ་པོ་ཞིག་རྙེད། སྐོར་གཡེང་རུ་ཁག་གིས་རླངས་འཁོར་ནང་གི་བེམ་པོར་ཞིབ་བཤེར་བྱེད་པའི་སྐབས་སུ། རླངས་འཁོར་འགས་གཏོར་བྱུང་སྟེ། དམག་དཔོན་ཞིག་དང་བཅས་པའི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་རེད་ཟེར། 

ཏུའུ་ལའེ་མུས་ཀྱིས་བསྟན་དོན། རླངས་འཁོར་འགས་གཏོར་འཇབ་རྒོལ་དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་བཟོས་པ་ཡིན་སྲིད་པ་དང་། དབྱི་རག་དམག་དཔུང་གིས་འགུལ་སྐྱོད་སྤེལ་དེ་ལག་དམར་འཛིན་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།