ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཐི་ལིང་ཕུའུ་ཡིས་བཀའ་རྒྱ་བཏང་སྟེ་ཨ་མེ་རི་ཁའི་དམག་དཔུང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་དུ་བཅུག་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། མིག་སྔར་ཐུར་ཁེའི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཀྱི་གནས་ཚུལ་ལ་བསམ་བློ་བཏང་སྟེ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་དམག་མི་སྟོང་གཅིག་ཙམ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་ཟེར། 

ཨེ་སི་པའོ་ཡིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ཨ་མེ་རི་ཁའི་ཁོ་ལོམ་པུ་ཡཱ་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ཐི་ལིང་ཕུའུ་དང་མཉམ་དུ་སི་རི་ཡཱའི་མིག་སྔའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཐི་ལིང་ཕུའུ་ཡིས་དེའི་རྗེས་སུ་བཀའ་རྒྱ་བཏང་སྟེ། ཨ་མེ་རི་ཁའི་དམག་དཔུང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་ལ། དེར་འབྲེལ་གྱི་དམག་མིའི་ཁ་གྲངས་མི་སྟོང་གཅིག་ཙམ་ཡིན་ཟེར། ཨེ་སི་པའོ་ཡིས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་གང་མགྱོགས་སྒོས་བདེ་འཇགས་ལ་འགན་སྲུང་བྱེད་པའི་གནས་ཚུལ་འོག་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར་ཡང་། ཁོས་དམག་དཔུང་ཕྱིར་འཐེན་བྱེད་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་མ་བཤད་པ་དང་། ཨ་མེ་རི་ཁའི་དམག་དཔུང་སི་རི་ཡཱའི་མངའ་ཁོངས་ནས་ཕྱིར་འཐེན་བྱེད་མིན་ཡང་གསལ་བོར་བཤད་མེད། 

ཨེ་སི་པའོ་ཡིས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཐུར་ཁེའི་ཐེངས་འདིའི་དམག་དོན་འགུལ་སྐྱོད་དེ་སྔོན་གྱི་འཆར་གཞིའི་ཡུལ་གྱི་ཁྱབ་ཁོངས་ལས་བརྒལ་ཏེ་སི་རི་ཡཱའི་མངའ་ཁོངས་ནས་ནུབ་དང་ལྷོ་ཕྱོགས་སུ་རྒྱ་བསྐྱེད་སྲིད་པ་ཤེས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།