ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཕྱི་རྒྱལ་གྱི་དམག་དཔུང་དག་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཁྲིམས་འགལ་གྱི་ཕྱི་རྒྱལ་གྱི་དམག་དཔུང་ཡོད་ཚད་སི་རི་ཡཱ་ནས་ཕྱིར་འཐེན་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་བརྙན་འཕྲིན་ཁང་སོགས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ད་རུང་བཤད་རྒྱུར། གལ་ཏེ་སི་རི་ཡཱའི་མ་འོངས་པའི་ཁྲིམས་མཐུན་མགོ་ཁྲིད་པས་ཨུ་རུ་སིའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པར་འདོད་ན། ཨུ་རུ་སིའི་དམག་དཔུང་ཡང་ཕྱིར་འཐེན་བྱེད་ངེས་ཡིན་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། སི་རི་ཡཱ་ཕྱི་རྒྱལ་གྱི་དམག་དཔུང་གི་ཚོད་འཛིན་ལས་ཐར་དགོས་པ་དང་། སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བ་ངེས་པར་དུ་སླར་གསོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།