ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོའི་དབུས་ཕྱོགས་ས་ཁུལ་ནས་སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཞི་ཁོའི་དབུས་ཕྱོགས་ཀྱི་ཁི་ལོས་ཐཱ་ལོ་ཀྲིག་གི་བདེ་འཇགས་སྡེ་ཁག་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཀྲིག་དེ་ནས་ཉིན་དེར་མེ་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག་ཡོད་ཟེར། 

ཁི་ལོས་ཐཱ་ལོ་ཀྲིག་བདེ་འཇགས་སྡེ་ཁག་གི་འགན་ཁུར་བ་ཀི་ལཱ་ནཱ་ཏའོ་སི་ཡིས་བཤད་རྒྱུར། ཉིན་དེའི་སྔ་དྲོར་སྤྱི་སྤྱོད་རླངས་འཁོར་ཞིག་གཙང་འགྲམ་གྱི་ཧྲིན་ཧུའུ་ཨན་གྲོང་ཁྱེར་གྱི་ལྕགས་ལམ་གྱི་བསྣོལ་མཚམས་ཤིག་བརྒྱུད་སྐབས་བཙན་གྱིས་བགྲོད་རྩིས་བྱས་པས། ལམ་དུ་བགྲོད་བཞིན་པའི་མེ་འཁོར་ཞིག་དང་ཐོ་བརྒྱབ་ནས་མི་སྣར་ཤི་རྨས་བཟོས་པ་རེད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་ཁྱབ་སྒྲོག་བྱས་པའི་འདྲ་པར་ལྟར་ན། སྤྱི་སྤྱོད་རླངས་འཁོར་དེ་ལྕགས་ལམ་གྱི་འགྲམ་དུ་རྫོགས་ཡོད་པ་དང་གཏོར་བརླག་ཚབས་ཆེན་ཐེབས་འདུག དོན་རྐྱེན་བྱུང་རྗེས་རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་སོང་ནས་རྨས་མར་གསོ་བཅོས་བྱས་པ་དང་། རྨས་མར་སེམས་གསོ་བྱས་པ་རེད། 

མིག་སྔར་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཉེན་རྟོག་ཕྱོགས་ཀྱིས་ཚོད་འཛིན་བྱས་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།