ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཐི་ལིང་ཕུའུ་ཡིས་ཁ་པར་བཏང་བའི་གནད་དོན་ཐད་ནས་ནུས་ཁུངས་པུའུ་ཀྲང་ཕའེ་ལི་བོས་ནས་འདྲི་གཅོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གསང་འཕྲིན་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་ཨ་མེ་རི་ཁའི་ནུས་ཁུངས་པུའུ་ཀྲང་ཕའེ་ལི་ལ་བརྡ་ཡིག་བཏང་སྟེ། ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་གཉིས་ཀྱི་ཁ་པར་གྲོས་མོལ་དོན་རྐྱེན་དང་འབྲེལ་བའི་ཡིག་ཆ་སྤྲད་དེ། དམངས་གྲོས་ཁང་གིས་ཐི་ལིང་ཕུའུ་ཡི་ཉེས་པ་ཐེར་འདོན་གྱི་རྟོག་ཞིབ་ལ་གཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན། 

བརྡ་ཡིག་དེ་དམངས་གྲོས་ཁང་གསང་འཕྲིན་ཨུ་ཡོན་ལྷན་ཁང་གིས་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་དང་ལྟ་རྟོག་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གཉིས་བར་གྲོས་མོལ་བྱས་རྗེས་སྤེལ་བ་རེད། ཕའེ་ལི་ཡིས་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔོན་ལ་འབྲེལ་ཡོད་ཡིག་ཆ་སྤྲོད་དགོས་པའི་རེ་བ་བཏོན་ཡོད། 

དེ་ལས་གཞན་དམངས་གྲོས་ཁང་གསང་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། དམངས་གཙོ་ཏང་མི་ཡཱ་ཏིང-ཞི་ཧྥུའུ་སོགས་ཀྱིས་ཉིན་དེར་ཡོངས་བསྒྲགས་འཕྲིན་ཡིག་ཅིག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཕའེ་ལི་ཡིས་གྲོས་གཞི་བཏོན་པ་ལྟར་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ཙེ་ལེན་སི་ཅི་དང་ཁ་པར་གྲོས་མོལ་བྱས་པ་རེད་ཟེར། དམངས་གཙོ་ཏང་མིས་ཕའེ་ལི་ཡིས་སྨྱན་བྱད་ཀྱིས་བསྒྲགས་པའི་ཁོས་ཝུའུ་ཁི་ལན་གྱིས་རྒྱལ་དབང་ནུས་ཁུངས་ཁེ་ལས་ཤིག་ལ་གནོན་ཤུགས་བྱིན་ནས་དེའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ལེགས་སྒྲིག་བྱེད་དུ་བཅུག་པ་སོགས་གནད་དོན་ཐད་ནས་འགྲེལ་བཤད་བྱེད་དགོས་ཟེར། 

ཨ་མེ་རི་ཁའི་ནུས་ཁུངས་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམངས་གཙོ་ཏང་མིའི་འཕྲིན་ཡིག་ལ་དོ་སྣང་བྱས་ཡོད་པ་དང་། སྡེ་ཁག་ནང་ཁུལ་ནས་དཔྱད་འཇོག་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།