ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཐད་ནས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བཅུ་གཅིག་ཉིན་བྱང་ཆིངས་རྩ་འཛུགས་ཀྱིས་ཐུར་ཁེས་སྤེལ་བའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་ཐུར་ཁེ་དང་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཐུར་ཁེ་ཕྱོགས་ཀྱིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཐད་ནས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་དབྱི་སི་ཐན་པོར་ནས་སི་ཐའོ་ཨར་ཐིན་པེ་ཀི་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་སྐབས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱི་ལུགས་མཐུན་སེམས་ཁུར་ལ་རྒྱུས་ལོན་བྱས་པ་ཙམ་གྱིས་མི་འདང་བར། ཐུར་ཁེ་ཕྱོགས་ཀྱིས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱིས་འཛེམ་དོག་ཅི་ཡང་མེད་པར་མཐུན་སྒྲིལ་གཅིག་གྱུར་ཡོང་བར་རེ་བས་ཁེངས་ཡོད་ཟེར། ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཚེས་དགུ་ཉིན་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཁུའུ་ཨར་ཏི་དྲག་ཆས་པར་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ། དམིག་ཡུལ་ནི་ཐུར་ཁེའི་མཐའ་མཚམས་ས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་མཇུག་སྒྲིལ་དུ་འཇུག་པའི་ཆེད་ཡིན་ལ། དེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་བདེ་འཇགས་ལའང་གལ་འགངས་ཧ་ཅང་ཆེ་ཟེར། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པར་ཐུར་ཁེ་དང་འདྲ་བར་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་ཀྱི་གནོད་པ་ཆེན་པོ་ཐེབས་མེད་པ་དང་། ཐུར་ཁེ་ལྟ་བུར་སི་རི་ཡཱའི་ཡུལ་གྱར་བ་དེ་འདྲའི་མང་བོ་ཡང་དང་ལེན་བྱས་མེད། ཡིན་ཡང་ཐུར་ཁེ་ཕྱོགས་ཀྱིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་ཐད་ནས་རང་ཚོད་འཛིན་དགོས་ཟེར། བྱང་ཆིངས་རྩ་འཛུགས་ཀྱིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་བཙོན་ཁང་དུ་བཀག་འཇུག་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མིར་སེམས་ཁུར་བྱེད་བཞིན་ཡོད་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཐུར་ཁེ་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་མང་བོ་བཟོས་པས། ཐུར་ཁེ་ཕྱོགས་ཀྱིས་དེའི་བཟུང་དམག་ཕྱིར་གཏོང་མི་སྲིད་པར་མ་ཟད། དེ་དག་གི་འགན་འཁྲི་རྩད་གཅོད་བྱས་ཏེ་མུ་མཐུད་དུ་རྩ་འཛུགས་དེ་དང་འཇིགས་སྐུལ་རྩ་འཛུགས་གཞན་པར་མཐའ་གཅིག་ཏུ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།