ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་ཚོགས་ཁག་ཅིག་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཁྲིམས་འཛིན་མི་སྣས་ཉེ་སྔོན་འཇིགས་སྐུལ་དང་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་བསྡུ་རུབ་བྱས་པའི་འབྲེལ་ཡོད་ཚོགས་ཁག་ཅིག་རྩད་ཆོད་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་མཉམ་འབྲེལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཕྲན་མཉམ་འབྲེལ་དངུལ་ལོར་ལྟ་རྟོག་ཅུའུ་ཡིས་འཇིགས་སྐུལ་རྩ་འཛུགས་ཀའོ་ཅཱ་སོ་ཚོ་དཔོན་རྒྱལ་ཁབ་ཅེས་པ་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་བསྡུ་རུབ་བྱས་པའི་མི་གཉིས་འཛིན་བཟུང་བྱས། ཚོགས་ཁག་དེས་མཉམ་འབྲེལ་དྲ་རྒྱ་བརྒྱུད་དེ་ཨུ་རུ་སིའི་ཁཱ་པཱ་ཨར་ཏཱ་དང་པཱ་ཨར་ཁཱ་ཨར་སྤྱི་མཐུན་རྒྱལ་ཁབ་དང་། ཁཱ་ལཱ་ཆཱ་དབྱེ་དང་ཆེ་ཨར་ཁི་སི་སྤྱི་མཐུན་རྒྱལ་ཁབ། དབྱིན་ཀུའུ་ཧྲི་སྤྱི་མཐུན་རྒྱལ་ཁབ། མའོ་སི་ཁི། ཧྲིན་པུས་ཏི་པའོ་སོགས་ས་ཁུལ་དུ་མ་དངུལ་བསྡུ་བའི་བྱ་འགུལ་སྤེལ་མྱོང་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཚོགས་ཁག་དེས་དགེ་སྒྲུབ་ལ་ཁ་གཡར་ནས་བསྡོམས་པས་ཨུ་རུ་སིའི་སྒོར་མོ་ས་ཡ་དྲུག་ལྷག་བསྡུས་པ་དང་། སི་རི་ཡཱ་རུ་བསྐུར་ནས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ་རོགས་སྐྱོར་བྱས་པ་རེད་ཟེར། 

ཁྲིམས་འཛིན་མི་སྣས་དོགས་ཡོད་ཉེས་ཅན་གྱི་སྡོད་ས་ནས་ཐལ་སྤྱོད་རིང་ལུགས་ཀྱི་རྒྱུ་ཆ་དང་དངུལ་བྱང་མང་བོ། སྤོ་སྒུལ་སྒྲིག་ཆས། སྒོར་རྐྱང་། མ་དངུལ་བསྐུར་བའི་ཟིན་ཐོ་སོགས་རྙེད་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།