ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་ས་ངོས་ནས་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་དགུ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པར་ས་ངོས་ནས་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས་ཡོད་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་དྲ་ཐོག་ནས་བཤད་རྒྱུར། ཞི་བདེའི་ཆུ་མགོ་ཞེས་པའི་འགུལ་སྐྱོད་ཀྱི་ཁག་ཅིག་ཡིན་པའི་ཆ་ནས། ཐུར་ཁེའི་དམག་དཔུང་དང་སི་རི་ཡཱའི་རྒྱལ་དམངས་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་ས་ཁུལ་ནས་ས་ངོས་ནས་དཔུང་འཇུག་བྱེད་མགོ་བརྩམས་ཡོད་ཟེར། 

ཐུར་ཁེའི་དམག་དཔོན་ཞིག་གིས་བཤད་རྒྱུར། དུས་ཚོད་འགའི་རིང་བར་སྣང་འཇབ་རྒོལ་དང་མེ་སྒྱོགས་བཀོལ་ནས་དཔུང་འཇུག་བྱས་རྗེས། ཐུར་ཁེའི་དམག་དཔུང་ལམ་བཞི་བརྒྱུད་དེ་སི་རི་ཡཱའི་མཐའ་མཚམས་ཀྱི་ལཱ་སི་ཨེ་ཡུན་དང་ཐེ་ལེ་ཨེ་པུའུ་ཡེ་ཏི་གྲོང་རྡལ་དུ་སོང་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དོན་འཐབ་འཛིང་གནམ་གྲུ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་ས་ཁུལ་དུ་ཁུའུ་ཨར་ཏི་དྲག་ཆས་པའི་དམིགས་འབེན་སྐོར་ཞིག་ལ་གཏོར་བཤིག་བཏང་ཡོད་ཟེར། 

ཐུར་ཁེའི་མེ་སྒྱོགས་ཀྱི་འཇབ་རྒོལ་དང་བར་སྣང་འཇབ་རྒོལ་ལས་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་གྱི་ཁཱ་མུས་ཧྲི་ལེ་དང་། ཏའེ་ཨར་པཱ་ཞི་ཡེ། ལཱ་སི་ཨེ་ཡུན་སོགས་ས་ཁུལ་གྱི་མི་སེར་དཀྱུས་མ་བརྒྱད་རྐྱེན་ལམ་དུཤོར་བ་དང་། མི་སེར་དཀྱུས་མ་ཉི་ཤུར་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།