ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱ་ཡིས་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས་པར་དགའ་བསུ་ཞུས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔོན་ལ་རི་ནེ་ཝ་ནས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བལྟས་ན། སི་རི་ཡཱའི་མི་ལ་དབང་བ་དང་སི་རི་ཡཱའི་མིས་གཙོ་ཁྲིད་བྱེད་པའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྤེལ་བ་དེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞིའི་དགོངས་དོན་ལྟར་སི་རི་ཡཱའི་འཁྲུག་རྩོད་མཇུག་སྒྲིལ་བའི་ཆབ་སྲིད་འཕེལ་རིམ་གྱི་གོ་སྐབས་གསར་བ་ཞིག་ཏུ་འགྱུར་དགོས་པར་འདོད། གསལ་སྒྲོག་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་པིས་ཏི་སིན་གྱིས་བར་འདུམ་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་འཁྲུག་རྩོད་དེ་དམག་དོན་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་མི་རུང་བ་དང་། ཕྱོགས་ཡོངས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞིའི་གྲོས་ཆོད་དངོས་འབེབ་བྱས་ནས་ཐག་གཅོད་བྱེད་དགོས་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་བདག་དབང་དང་རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱེད་པའི་དམ་བཅའ་བརྟན་པོ་བསྐྱར་སྒྲོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།